གནའ་སྔ་མོ་ཞིག་ལ། དོམ་སྤུན་མཆེད་གསུམ་མཉམ་དུ་ནགས་གསེབ་ཀྱི་ཁང་པ་ཞིག་ཏུ་སྡོད་ཀྱི་ཡོད་པ་རེད། དེ་ཡང་དོམ་ཆེན་པོ་གཅིག་དང་། དོམ་འབྲིང་མ་གཅིག་དང་། དོམ་ཆུང་གཅིག་ཡོད་པ་རེད། ཞོགས་པ་ཞིག་ལ། དོམ་གསུམ་གྱིས་ཐུག་པ་བཀོལ་ནས་ཕོར་པའི་ནང་བླུགས་རྗེས་ཐུག་པ་གྲང་མོ་ཆགས་པར་སྒུག་པའི་རིང་ལ། ཁོང་གསུམ་ཕྱི་ལོག་ལ་འཕྱམ་འཕྱམ་དུ་ཕྱིན་པ་རེད། གང་མཚམས་སོང་བའི་རྗེས། གསེར་མདོག་གི་སྐྲ་ལོ་ཅན་གྱི་བུ་མོ་ཞིག་དོམ་གསུམ་ཡོད་སའི་ནགས་གསེབ་ཏུ་ཡོང་བ་རེད། བུ་མོ་དེས་་དོམ་གསུམ་གྱི་ཁང་པ་མཐོང་བ་དང་། ཐེ་ཚོམ་མེད་པར་ནང་དུ་མིག་ཨེ་ཡོད་སྙམ་ནས་སྒོ་རྡུང་བ་རེད། སྒོ་ཕྱེ་མཁན་སུ་ཡང་མེད། མོས་ཡག་པོར་ལྟ་དུ་སྒོ་ཡང་རྒྱབ་མེད་པ་ཤེས་པས། བུ་མོས་སྒོ་ཕྱེ་ནས་ནང་དུ་འཛུལ་ཕྱིན། ནང་དུ་སླེབས་མ་ཐག མོས་ཅོག་ཙེའི་སྟེང་དུ་ཐུག་པ་ཕོར་པ་གསུམ་མཐོང་། མོས་དང་པོ་ཕོར་པ་ཆེན་པོ་དེ་ནས་ཐུག་པ་འཐུང་གྲབས་བྱས་པས། “ཨ་ཚ། འདི་ཧ་ཅང་ཚ་པོ་འདུག” ཞེས་ལབ་ནས་མར་བཞག དེ་ནས་མོས་ཕོར་པ་འབྲིང་བ་དེ་འཐུང་གྲབས་བྱས། “འདི་ཡང་ཚ་པོ་འདུག” ལབ། མཐའ་མར། མོས་ཕོར་པ་ཆུང་བ་དེའི་ཐུག་པ་བཏུང་ནས། “འདི་ནི་ཧ་ཅང་ཞིམ་པོ་འདུག” ཅེས་ལབ། ཕོར་པ་ཆུང་བའི་ནང་གི་ཐུག་པ་ཚང་མ་བཏུང་ཚར་པ་དང་། དེ་ནས་མོས་ཁང་པའི་ནང་གི་རྐུབ་སྟེགས་གསུམ་མཐོང་བ་རེད། མོས་རྐུབ་སྟེགས་ཆེན་པོ་དེར་བསྡད་པ་ན། “འདི་ཧ་ཅང་མཁྲེགས་པོ་འདུག།” དེ་ནས་རྐུབ་སྟེགས་འབྲིང་བ་དེར་བསྡད། “འདི་ཡང་བདེ་པོ་མི་འདུག” མཐར་མར་། མོས་རྐུབ་སྟེགས་ཆུང་བ་དེར་བསྡད་ནས། “འདི་ནི་ཧ་ཅང་བདེ་པོ་འདུག” ཅེས་ལབ། ཡིན་ནའང་། མོ་དེ་སྟེང་དུ་བསྡད་དྲགས་པས་རྐུབ་སྟེགས་ཆུང་ཆུང་དེ་གས་པ་རེད། དེ་ནས་མོ་ཉལ་ཁང་དུ་སོང་། ཉལ་ཁྲི་གསུམ་མཐོང་བ་རེད། ཉལ་ཁྲི་ཆེན་པོ་དེ་དང་པོ་ཚོད་ལྟ་བྱས། དེ་ཧ་ཅང་མཁྲེགས་པོ་རེད། དེ་ནས་ཉལ་ཁྲི་འབྲིང་བ་དེ་ཚོད་ལྟ་བྱས། དེ་ཡང་བདེ་པོ་མ་རེད། མཐར་ཉལ་ཁྲི་ཆུང་བ་དེར་ཉལ་བ་ན། “འདི་ནི་ཧ་ཅང་བདེ་པོ་འདུག” ཅེས་ལབ། དེ་དུས་་མོ་ཧ་ཅང་ཐང་ཆད་ཟིན་པས། ཉལ་ཁྲི་ཆུང་བ་དེའི་སྟེང་དུ་གཉིད་ཤོར་། ཏོག་ཙམ་ནས་དོམ་གསུམ་པོ་འཕྱམ་འཕྱམ་བྱས་ནས་ཁང་པའི་ནང་་ལོག་ཡོང་། དོམ་ཆེན་པོས། “ངའི་ཐུག་པ་ལ་སུས་ལག་པ་འཆང་བ་རེད།” དོམ་འབྲིང་མས་ཀྱང་དེ་ལྟར།…
བྱིས་སྒྲུང་ཀློག་པ།
གངས་རིན་པོ་ཆེ་དང་ངའི་འཁྲུངས་ཡུལ། {མཚར་གཏམ།}
ཐེངས་ཤིག་བོད་ནས་ཡིན་པའི་སྐུ་ཤོག་ཞིག་རྡ་རམ་ས་ལར་གནས་མཇལ་དུ་ཕེབས་པ་རེད། དེ་དུས་རྡ་རམ་ས་ལ་ནི་བོད་ནས་གསར་འབྱོར་ཕེབས་མཁན་མང་པོ་ཡོད་དུས་རྡ་སའི་བོད་མི་ཚོར་བོད་ནང་གི་གནས་ཚུལ་དང་། ས་ཡི་ཆགས་དབྱིབས་སོགས་ལ་སྐད་ཆ་འདྲི་རྒྱུ་གོ་སྐབས་མང་པོ་ཐོབ་ཀྱི་ཡོད། བྱས་ཙང་ལྷ་ས་ནས་ཡིན་ཟེར་མཁན་འབྱུང་ན་ལམ་སེང་རྩེ་པོ་ཏ་ལ་གང་འདྲ་འདུག ཁྲོམ་གཟིགས་ཁང་ལ་ཚོང་གང་འདྲ་འདུག དེ་བཞིན་བར་སྐོར་ནང་ཕྱག་འཚལ་མཁན་སོགས་མང་པོ་ཡོད་མེད་དྲི་གི་ཡོད། ད་ཐེངས་ཀྱི་བོད་ནས་ཕེབས་མཁན་གྱི་སྐུ་ཤོག་དེ་བོད་ཀྱི་སྟོད་ཕྱོགས་མངའ་རིས་ཁུལ་ནས་ཡིན་པ་དང་ལྷ་སའི་སྐོར་དེ་ཙམ་རྒྱུས་མངའ་མེད། སྐུ་ཤོག་དེ་རྡ་སར་སྤྱི་སྤྱོད་རླངས་འཁོར་སྒུག་ནས་བཞུགས་པའི་སྐབས། རྡ་སའི་བོད་མི་གཞོན་སྐྱེས་ཤེས་ཡོན་ཡོད་མདོག་ཁ་པོ་ཞིག་རྐྱང་དེར་མོ་ཏ་སྒུག་ནས་བསྡད་ཡོད། གཞོན་སྐྱེས་དེས་སྐུ་ཤོག་དེ་མཐོང་བ་དང་ལམ་སེང་རྒན་ལ་བོད་ནས་ཕེབས་པས་ཞེས་དྲིས། སྐུ་ཤོག་དེས་བོད་ནས་ཡོང་ཡིན་ཟེར་མ་ཐག། གཞོན་སྐྱེས་དེས་དེང་སང་ལྷ་སའི་ཁྲོམ་གཟིགས་ཁང་ལ་འཁྲུགས་པོ་འདུག་གམ་ཟེ་དྲིས། སྐུ་ཤོག་དེས་ཁྲོམ་གཟིགས་ཁང་རྒྱུས་མངའ་མེད་དུས། ཨོ་་ང་ལྷ་ས་ནས་མིན་མངའ་རིས་ནས་ཡིན་ཟེར།

